༧རྒྱལ་དབང་མཆོག་ནས་རྡོར་གདན་མཆོད་རྟེན་ཉེ་འདབས་སུ་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ས་གནས་ཡུལ་མི་
རྣམས་ཀྱི་སླད་དུ་འཐུང་ཆུ་གཙང་མ་ལོངས་སུ་སྤྱོད་ཕྱིར་ཆུ་དྭངས་སྙིགས་འབྱེད་པའི་ཆུ་མཛོད་ཀྱི་ཡོ་བྱད་ཅིག་གསར་འཛུགས་བཀའ་དྲིན་བསྐྱངས་པའི་
དབུ་འབྱེད་ཕྱིར་གུང་ཡོལ་ཆུ་ཚོད་
2
དང་ཕྱེད་ཐོག་ཞབས་སོར་འཁོད། དེ་ཡང་༧རྒྱལ་དབང་མཆོག་གི་བཀའ་སྩལ་གསུང་འཕྲིན་དུ་།
"
གནས་མཆོག་རྡོ་རྗེ་གདན་གྱི་ས་གནས་མི་མང་རྣམས་ལ་ཁོ་བོས་གསོལ་རས་སུ་བྱིན་པ་འདིས།
སྐྱེ་འགྲོ་རྣམས་འཐུང་ཆུ་གཙང་མ་ལོངས་
སྤྱོད་ཐུབ་པའི་གོ་སྐབས་བཟང་པོ་ཞིག་སོན་པའི་སྨོན་འདུན་བཅས།
དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས་ཕྱི་ལོ་
2010 ཟླ་
12 ཚེས་
8
ཉིན། " ཞེས་དང་།
དེ་མཇུག་དྭངས་སྙིགས་འབྱེད་པའི་ཆུ་མཛོད་གསར་བསྐྲུན་མཛད་པ་དེ་ཉིད་ལ་རབ་གནས་བྱིན་འབེབས་སྩལ་ཏེ་བཞུགས་གནས་སུ་ཕྱིར་ཕེབས་མཛད།
།