མདུན་ཤོག །

@ @

མཛད་རིམ་དང་གསར་འགྱུར།

@ @

@

     བླ་སྒྲུབ་ཚོགས་འཁོར།

     ཕྱི་ལོ་ 2010 ཟླ་ 12 ཚེས་ 8 ཉིན་དགོང་དྲོ་ཆུ་ཚོད་ལྔ་དང་ཕྱེད་ཐོག་ཡོངས་དགེ་གཏེར་སྒར་དགོན་གྱི་འདུ་ཁང་ཚོམས་ཆེན་ནང་དཔལ་རྒྱལ་དབང་

     ཀརྨ་པ་མཆོག་དབུ་བཞུགས་ཐོག་བཀའ་བརྒྱུད་རྒྱལ་བ་ཡབ་སྲས། བླ་སྤྲུལ་རྣམ་པ། དགོན་སྡེ་ཁག་གི་དགེ་སློང་དང་དགེ་སློང་མ། དེ་བཞིན་ལོ་གསུམ་

     སྒྲུབ་པ་མཐར་སོན་གྱི་སེར་སྐྱ་ཕོ་མོ་བཅས་ཡོངས་སུ་འདུས་ཏེ་དཔལ་ལྡན་དུས་གསུམ་མཁྱེན་པའི་བླ་སྒྲུབ་ཚོགས་འཁོར་གྱི་ཞལ་འདོན་དབུ་འཛུགས་

     བསྐྱངས་ཏེ་ཚོགས་འཁོར་ལེགས་པར་བསྐོར། དགོང་དྲོ་ཆུ་ཚོད་བརྒྱད་དང་ཕྱེད་ཙམ་ལ་དེར་འདུས་ཡོངས་ལ་ཚོགས་རྫས་འགྱེད་ཅིང་མཇུག་གི་བྱ་བ་

     ལེགས་པར་གྲུབ་སྟེ་ཆུ་ཚོད་དགུ་དང་ཕྱེད་ཐོག་བླ་སྒྲུབ་ཀྱི་ཚོགས་འཁོར་ཡོངས་སུ་གྲོལ།

@